།།དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་གཉིས་ ནས་འོད་ཟེར་བྱེ་བ་ཕྲག་བརྒྱ་བཀྱེ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་ནས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཤར་གྱི་ལུས་ འཕགས་གླིང་བྱེ་བ་ཕྲག་བརྒྱ་དང། ནུབ་ཀྱི་བ་ལང་སྤྱོད་བྱེ་བ་ཕྲག་བརྒྱ་དང། བྱང་གི་སྒྲ་མི་སྙན་བྱེ་བ་ཕྲག་བརྒྱ་དང། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འཁོར་ཡུག་ རྡོ་རྗེའི་རི་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །མངོན་པར་འབྱུང་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམ་ [280A]༄༅། །པར་འཚང་རྒྱ་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་ པ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །རི་རབ་རིའི་རྒྱལ་པོ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །རྒྱལ་པོ་ཆེན་པོ་བཞིའི་ཁམས་ཀྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །སུམ་ཅུ་རྩ་གསུམ་གྱི་ ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །མཚེ་མའི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །དགའ་ལྡན་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འཕྲུལ་དགའི་ལྷའི་རིས་བྱེ་བ་ ཕྲག་བརྒྱ་བསྟན་ཏོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཚངས་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །གྱ་ནོམ་སྣང་བ་བྱེ་བ་ཕྲག་བརྒྱ་ བསྟན་ཏོ། །དགེ་རྒྱས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འབྲས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འོག་མིན་བྱེ་བ་ཕྲག་བརྒྱ་བསྟན་ཏེ། འཇིག་རྟེན་གྱི་ཁམས་འདིའི་ཁོངས་ སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་འདི་ནི་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་བྱང་ཆུབ་ སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་ཅིག་ཏུ་བཞུགས་ཏེ་བསྐོར་ཅིང་མདུན་དུ་བྱས་པར་སྣང་བ་དེ་བཞིན་དུ་འཛམ་བུའི་གླིང་བྱེ་བ་ཕྲག་ [280B]བཞུགས་པར་སྣང་ངོ། །དེ་དག་ཐམས་ཅད་དུའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་ དཔའ་བཅུ་བཅུ་འོངས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་དང་སངས་རྒྱས་དཔལ་དང་ ནོར་དཔལ་དང། རིན་ཆེན་དཔལ་དང། ཡོན་ཏན་དཔལ་དང། མིག་གི་དཔལ་དང། བརྩོན་འགྲུས་དཔལ་དང། ཆོས་ཀྱི་དཔལ་དང། ཡེ་ཤེས་དཔལ་དང། བཟང་པོའི་ དཔལ་ཞེས་བྱ་བ་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ དང། ཡིད་དུ་འོང་བའི་མདོག་དང། པདྨོའི་མདོག་དང། ཙམ་པ་ཀའི་མདོག་དང། ཨུཏྤ་ལའི་མདོག་དང། ས་ལེ་སྦྲམ་གྱི་མདོག་དང། རིན་པོ་ཆེའི་མདོག་དང། རྡོ་རྗེའི་མདོག་ དང༑ ཤེལ་གྱི་མདོག་དང། འདྲ་བའི་མདོག་ཅེས་བྱ་བ་དག་ནས་འོངས་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དེ་ དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་དེ། འདི་ལྟར་རིག་བྱེད་མི་གཡོ་བ་དང། རིག་བྱེད་མི་བསྐྱོད་པ་དང། རིག་བྱེད་བཅིངས་པ་མེད་པ་དང། རིག་བྱེད་ཀུན་སྤྱོད་པ་ [281A]༄༅། །དང། རིག་བྱེད་སྒྲིབ་པ་མེད་པ་དང། རིག་བྱེད་མཐའ་རྒལ་དང། རིག་བྱེད་དམ་པ་དང། རིག་བྱེད་དབང་ཕྱུག་དང། རིག་བྱེད་ཚངས་པ་དང། རིག་བྱེད་ སྣ་ཚོགས་ཞེས་བྱ་བ་དག་གོ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་ཏེ། གཅིག་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་ བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ་།འཇིག་རྟེན་ཀུན་དང་མི་ལྡན་ཞིང། །བྲལ་ བར་གྱུར་ཏེ་དངོས་མེད་པའི། །ཡང་དག་སངས་རྒྱས་སུ་ཤེས་པ། །དེ་དག་མིག་གི་ལམ་མི་གནས། །ཤེས་རབ་ཆེན་པོ་སུས་མཐོང་ཞིང་།དངོས་པོའི་འདུ་ཤེས་མི་འཇུག་ལ་ རྣམ་པར་བསྒོམས་ཤིང་ཤེས་གྱུར་པ། །དེ་དག་དེ་བཞིན་གཤེགས་པར་འགྱུར། །འཇིག་རྟེན་ཁམས་འདི་མཐོང་གྱུར་ཏེ། །སངས་རྒྱས་ཆེ་བ་ཉིད་དག་ལ། །གང་གི་སེམས་ ནི་མི་གཡོ་བ། །དེ་དག་མི་ཡི་མཆོག་ཏུ་འགྱུར། །སངས་རྒྱས་ཆོས་ལ་གང་གི་རྣམས། །མཉམ་པའི་སེམས་སུ་རབ་འཇུག་ཅིང། །མི་གཉིས་མངོན་གྱུར་བརྟན་པ་རྣམས་ [281B] །གང་རྣམས་བདག་དང་སངས་རྒྱས་དག། རང་བཞིན་མཉམ་པར་རབ་གནས་ཤིང། །མི་གནས་ལེན་པ་མེད་པ་རྣམས། །དེ་དག་བདེ་བར་ གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང། །རྣམ་པར་ཤེས་དང་སེམས་དཔའ་དག་གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་ འགྱུར༑ ༑བལྟ་བར་བྱ་ལས་འདས་པ་དང། །རྣམ་པར་བལྟ་ལས་དེ་བཞིན་ཏེ། །ཆོས་ལ་གང་དག་རྨོངས་མེད་པ། །དེ་དག་རབ་ཏུ་འོད་བྱེད་འགྱུར། །གང་གིས་ཤེས་རབ་ཆེན་པོ་ རྣམས༑ ༑སེམས་བསྐྱེད་ཀུན་ལ་རབ་གནས་ཤིང། །ཐམས་ཅད་མཐོང་ཡང་སྐྱེ་མེད་པ། །དེ་དག་གྲགས་པ་ཆེན་པོར་འགྱུར། །སེམས་ཅན་རྣམས་ལ་སྐྱེ་བ་མེད། །འཇིག་པའང་ ཡོད་པ་མ་ཡིན་ཏེ། །དེ་ལྟར་གང་གིས་ཤེས་པ་ནི། །དེ་དག་བླ་ན་མེད་པར་འགྱུར། །གང་གིས་གཅིག་ལ་མང་ཤེས་ཤིང། །མང་པོའང་གཅིག་ཏུ་རབ་རྟོགས་ཏེ། །གནས་ཀྱི་རྣམས་ སུ་འང་འབྱུང་འགྱུར་པ། །དེ་དག་འཇིགས་པ་མེད་པར་འགྱུར། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་འདི་ནས་འདས་ཏེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཅུ་བཅུ་ སྣང་བར་བྱས་སོ། །དེ་བཞིན་དུ་ལྷོ་ཕྱོགས་དང། ནུབ་ཕྱོགས་དང་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཅུ་བཅུ་སྣང་བར་བྱས་སོ་།བྱང་ཤར་གྱི་ཕྱོགས་མཚམས་ [282A]༄༅། །དང། ཤར་ལྷོའི་ཕྱོགས་མཚམས་དང། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང། ནུབ་བྱང་གི་ཕྱོགས་མཚམས་དང། འོག་གི་ཕྱོགས་དང་སྟེང་གི་ཕྱོགས་དག་ ཏུ་ཡང་འཇིག་རྟེན་གྱི་ཁམས་བཅུ་བཅུ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་ དུ་ཡང་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་ རྒྱས་ཀྱི་གདན་ལ་བཞུགས་ཤིང། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་ཅིག་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེ་དག་ གི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ནའང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་བཞུགས་པར་སྣང་སྟེ། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ་འདི་ལྟར་འཇམ་དཔལ་དང། སངས་ རྒྱས་དཔལ་དང། ནོར་དཔལ་དང། རིན་ཆེན་དཔལ་དང། ཡོན་ཏན་དཔལ་དང། མིག་གི་དཔལ་དང། བརྩོན་འགྲུས་དཔལ་དང། ཆོས་ཀྱི་དཔལ་དང། ཡེ་ཤེས་དཔལ་དང་ [282B] བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་ མདོག་དང། ཡིད་དུ་འོང་བའི་མདོག་དང། པདྨའི་མདོག་དང། ཙམ་པ་ཀའི་མདོག་དང། ཨུཏྤ་ལའི་མདོག་དང། ས་ལེ་སྦྲམ་གྱི་མདོག་དང་རིན་པོ་ཆེའི་མདོག་དང། རྡོ་རྗེའི་མདོག་ དང༑ ཤེལ་གྱི་མདོག་དང། འདྲ་བའི་མདོག་ཅེས་བྱ་བ་དག་ནས་འོངས་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཚན་འདི་ཞེས་བྱ་བ་དག་ གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་དང། རིག་བྱེད་མི་བསྐྱོད་པ་དང། རིག་བྱེད་བཅིངས་པ་མེད་པ་དང། རིག་བྱེད་ཀུན་སྤྱོད་པ་དང་ རིག་བྱེད་བསྒྲིབས་པ་མེད་པ་དང། རིག་བྱེད་མཐའ་རྒལ་དང། རིག་བྱེད་དམ་པ་དང། རིག་བྱེད་དབང་ཕྱུག་དང། རིག་བྱེད་ཚངས་པ་དང། རིག་བྱེད་སྣ་ཚོགས་ཞེས་བྱ་བ་དག་ གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་ པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་ [283A]༄༅། །བཞིན་ཐམས་ཅད་ན་བརྗོད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །གང་གིས་འགྲོ་བ་ཤིན་ཏུ་གཙེས་གྱུར་ཅིང། །སྲིད་ པའི་གསལ་ཤིང་ལྡན་པར་ཀུན་ཤེས་ནས། །རང་འབྱུང་ཀུན་མཁྱེན་ཡོན་ཏན་ཚོལ་བ་རྣམས། །དེ་དག་ཆོས་ཉིད་འདི་འདྲ་འདི་བཞིན་ནོ་།ཆོས་ཀྱི་རང་བཞིན་གནས་པ་མཐོང་ གྱུར་ནས། །མཐའ་གཉིས་གང་གིས་རབ་ཏུ་སྤངས་གྱུར་ཅིང། །ལྡོག་པ་མེད་ཅིང་དགོས་པ་ཀུན་ཤེས་པ། །དེ་དག་དེ་ཡི་འཁོར་ལོ་མཚུངས་མེད་བསྐོར། །གང་རྣམས་ཆོས་དང་ ལྡན་པའི་བསམ་པ་ཡིས། །འཁོར་བའི་སྐྱེ་རྒུ་ཀུན་གྱི་དོན་གྱི་ཕྱིར། །བསྐལ་པ་བསམ་ཡས་རྒྱ་ཆེན་གོ་གྱོན་པའི། །དྲང་སྲོང་ཆེན་པོའི་ལོངས་སྤྱོད་འདི་འདྲའོ། །གཞན་གྱིས་མི་ ཕམ་དཔའ་བའི་རྒྱལ་མཚན་ཅན། །བདུད་རྣམས་ཐམས་ཅད་མཐར་འབྱིན་མགོན་པོ་རྣམས། །བྱམས་པས་གང་དག་མི་འཇིགས་སྒྲ་འབྱིན་པ། །དེ་དག་ཆོས་ཉིད་འདི་འདྲ་ འདི་ཡིན་ནོ། །འདི་དག་ནང་ནས་བྱུང་ངོ་ཞེས་བྱ་བར། །ཉོན་མོངས་སེལ་བའི་སེམས་ནི་སྐད་ཅིག་ཏུ། །ཐམས་ཅད་ཤེས་པ་སུ་ཡི་རྒྱུད་སྐྱེས་པ། །དེ་དག་རྣམ་པར་འཕྲུལ་ པ་འདི་དག་སྟོན། །གང་རྣམས་ཆོས་ཀྱི་རྔ་ནི་རྡུང་བྱེད་ཅིང་།བྱང་ཆུབ་སེམས་ཀྱང་སྲོག་ཆགས་ཐམས་ཅད་ལ། །ཕྱོགས་བཅུའི་ཞིང་རྣམས་ཀུན་ཏུ་ཤེས་བྱེད་པ། །རང་ [283B] །གདུལ་བར་དཀའ་བ་མཐའ་ཡས་སྤྱོད་ཡུལ་ཅན། །ཞིང་རྣམས་བྱེ་བ་གང་དག་སྤྱོད་གྱུར་ཅིང་།ནམ་ཡང་དངོས་པོ་དག་ལ་མོས་མེད་པ། །དེ་དག་ དེ་བཞིན་གཤེགས་བཞིན་རྣམ་པར་འཕྲུལ། །གང་རྣམས་དགའ་ཞིང་མོས་པ་མཐའ་ཡས་པ། །རྒྱལ་བ་རྣམས་ནི་ཤིན་ཏུ་རྣམ་དག་ཅིང། །དེ་བཞིན་གཤེགས་པ་མཁའ་འདྲ་ རྗེས་འདྲ་བ། །དེ་དག་ལ་ནི་སྨོན་ལམ་འདི་ཡང་བཏབ། །སེམས་ཅན་དོན་ལ་གང་རྣམས་མོས་གྱུར་ཅིང། །རེ་རེ་དག་གི་མནར་མེད་སྡུག་བསྔལ་བ། །བསྐལ་པ་དཔག་མེད་སྨིན་ པར་བྱ་དད་པ། །དེ་དག་སྐྱོན་མེད་ཕམ་མེད་ཤིན་ཏུ་གསུང། །གང་རྣམས་ལུས་དང་སྲོག་ལ་མི་ལྟ་ཞིང། །སངས་རྒྱས་ཆོས་ལ་རྟག་ཏུ་བརྟུལ་ཞུགས་ཏེ། །མཁས་པ་བདག་མེད་ རྣམ་པར་སུ་སྤྱོད་པ། །དེ་དག་སངས་རྒྱས་ཆོས་ཉིད་འདི་འཐོབ་བོ་།དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་འདས་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ བརྒྱ་སྣང་བར་བྱས་པ་ནས་གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་ བ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ།། [284A]༄༅། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་ཅིག་པ་ དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ནའང་དེ་བཞིན་གཤེགས་པ་རྣམས་བཞུགས་པར་སྣང་སྟེ། ཐམས་ཅད་དུའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་དང་ སངས་རྒྱས་དཔལ་དང། ནོར་དཔལ་དང། རིན་ཆེན་དཔལ་དང། ཡོན་ཏན་དཔལ་དང། མིག་གི་དཔལ་དང། བརྩོན་འགྲུས་དཔལ་དང། ཆོས་ཀྱི་དཔལ་དང། ཡེ་ཤེས་དཔལ་དང་ བཟང་པོའི་དཔལ་ཞེས་བྱ་བ་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ དང། ཡིད་དུ་འོང་བའི་མདོག་དང། པདྨོའི་མདོག་དང། ཙམ་པ་ཀའི་མདོག་དང། ཨུཏྤ་ལའི་མདོག་དང། ས་ལེ་སྦྲམ་གྱི་མདོག་དང། རིན་པོ་ཆེའི་མདོག་དང། རྡོ་རྗེའི་མདོག་དང་ ཤེལ་གྱི་མདོག་དང། འདྲ་བའི་མདོག་ཅེས་བྱ་བ་དག་ནས་འོངས་པའོ་།བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཚན་འདི་ཞེས་བྱ་བ་དག་གི་ [284B] འདི་ལྟར་རིག་བྱེད་མི་གཡོ་བ་དང། རིག་བྱེད་མི་བསྐྱོད་པ་དང། རིག་བྱེད་བཅིངས་པ་མེད་པ་དང། རིག་བྱེད་ཀུན་སྤྱོད་པ་དང། རིག་བྱེད་ བསྒྲིབས་པ་མེད་པ་དང། རིག་བྱེད་མཐའ་རྒལ་དང། རིག་བྱེད་དམ་པ་དང། རིག་བྱེད་དབང་ཕྱུག་དང། རིག་བྱེད་ཚངས་པ་དང། རིག་བྱེད་སྣ་ཚོགས་ཞེས་བྱ་བ་དག་གོ་བྱང་ ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་ སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་ བཞིན་ཐམས་ཅད་ན་ཡང་བརྗོད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་སྒྱུ་མའི་རང་བཞིན་དུ། །ཐུགས་སུ་ཆུད་ནས་ བསྒྲིབ་པས་མེད་གཟིགས་ཏེ། །ཟིལ་གྱིས་མ་ནོན་ཆགས་པ་མི་མངའ་བར་།སྐྱེ་རྒུ་རབ་ཏུ་འདུལ་བར་ཤིན་ཏུ་སྣང། །ལ་ལས་གསེར་གྱི་རི་བོ་འདྲ་བ་དེ། །སྐུ་ཚེར་སྐྱེ་བར་གྱུར་ པ་རབ་ཏུ་མཐོང། །སྐྱེས་བུའི་ཟླ་བ་རྣམ་པར་མཛེས་པ་དེ། །ཐ་མའི་སྐུ་ཡང་འཛིན་པར་ལ་ལས་མཐོང། །ཡོན་ཏན་ཚད་ལས་འདས་པ་ཀུན་མངའ་ཞིང། །དགོངས་པ་མཁྱེན་ [285A]༄༅། །བཞིན་ཤིན་ཏུ་མཁས་གྱུར་པ། །སྐྱེ་རྒུའི་སེངྒེ་དོན་ཡོད་གཤེགས་པ་དེ། །ལ་ལས་འཆག་ཅིང་གཤེགས་པར་ཤིན་ཏུ་མཐོང་།ཕྱོགས་བཅུ་ཀུན་ཏུ་རྣམ་ པར་སྣང་བ་དེ། །ལ་ལས་མཐོན་མཐིང་སྤྱན་དུ་དེ་བཞིན་མཐོང་།འདོད་པའི་ཡོན་ཏན་ལྡན་པའི་སྐྱེ་རྒུ་རྣམས། །གཟིགས་ནས་བཞད་པར་དེ་བཞིན་ལ་ལས་མཐོང། །གཟི་ བརྗིད་མཚུངས་མེད་མངའ་ལ་ལ་ལ་ཡིས། །སེངྒེའི་ང་རོར་གསུང་བ་དེ་བཞིན་མཐོང། །ཟིལ་གྱིས་མི་ནོན་མ་ལོག་གསུང་མངའ་བ། །སྐུ་ཡི་ཐ་མར་སྟོན་པ་ལ་ལས་མཐོང། ། བཅིངས་པ་ཀུན་ལས་རྣམ་པར་གྲོལ་བ་དེ། །ལ་ལས་ཁབ་ནས་འབྱུང་བར་རབ་ཏུ་མཐོང། །སྔོན་གྱི་རྒྱལ་བའི་སངས་རྒྱས་སྤྱོད་པ་རྣམས། །གཟིགས་ཤིང་ཞི་བདེར་གཞོལ་ བ་ལ་ལས་མཐོང། །ལ་ལས་བྱང་ཆུབ་སྙིང་པོ་དམ་པ་ལ། །ཆོས་རྣམས་ཐམས་ཅད་མངོན་པར་སངས་རྒྱས་ཤིང༑ །ཡོན་ཏན་ཐམས་ཅད་ཕ་རོལ་ཕྱིན་པ་དང། །མུན་པ་ རྡུལ་བསལ་ཉོན་མོངས་སྦྱངས་པ་མཐོང། །ལ་ལས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང། །ཐུགས་རྗེ་ཆེན་པོ་བརྙེས་པ་དེ་མཐོང་ངོ། །ལ་ལས་སྐྱེ་རྒུ་ཚད་མེད་རྣམ་འདུལ་ བར༑ ༑སྐྱེས་བུའི་དམ་པ་དེ་ནི་དེ་བཞིན་མཐོང། །ལ་ལས་གཟི་བརྗིད་མཚུངས་པ་མེད་པ་དེ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་མཛད་དེ། །རྫུ་འཕྲུལ་ཆགས་མེད་ [285B] །སེངྒེའི་ང་རོ་སྒྲོག་པར་དེ་བཞིན་མཐོང། །ལ་ལས་རབ་ཏུ་ཞི་བའི་ཐུགས་མངའ་བ། །འཇིག་རྟེན་སྒྲོན་མ་མྱ་ངན་འདས་པར་མཐོང། །རྣམ་པར་འཕྲུལ་པ་ དེ་དག་མཐོང་ནས་ཀྱང། །སྟོབས་བཅུའི་སྟོབས་མངའ་དེ་དག་རབ་ཏུ་ཤེས། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་ གྱི་ཁམས་སྟོང་སྣང་བར་བྱས་པ་ནས་གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གི་བར་དུ་སྣང་བར་བྱས་ཏེ་འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་ བ་ཕྲག་བརྒྱ་བསྟན་པ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་ རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་ དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ་།ཐམས་ཅད་དུའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་ འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དུའོ། །བྱང་ཆུབ་ [286A]༄༅། །སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་ བའི་མདོག་ཅེས་བྱ་བའི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བའི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་ དག་སྟེ༑ འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཞེས་བྱ་བའི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་རེ་རེ་ཞིང་བྱང་ཆུབ་ སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་པ་སྙེད་དང་ལྷན་ཅིག་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་ སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ་གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་ སོ་སོ་ནས་སྨྲ་པར་གྱུར་ཏོ། །གང་གིས་བདེ་གཤེགས་རྣམས་ཀྱི་ཆོས་ཟབ་པ། །ཟིལ་གྱིས་ནོན་པ་བརྗོད་པ་མེད་པ་རྣམས། །གང་ལ་འཇིག་རྟེན་རྟག་ཏུ་མོས་འགྱུར་བ། །དེ་ དག་ཐམས་ཅད་རིམ་གྱིས་རབ་ཏུ་སྟོན། །གལ་ཏེ་བདག་ཅག་མེད་དུ་ཟིན་ན་ནི། །དེ་ཡི་སྤྱོད་ཡུལ་སྟོང་པ་ཞི་བའང་མེད། །རང་བྱུང་རྡུལ་རྣམས་ཤིན་ཏུ་བསལ་བ་ཡི། ། [286B] །མཁྱེན་དང་རྣམ་གྲོལ་ཞབས་དང་ལྡན་པ་རྣམས། །མཚུངས་པ་མེད་ལ་གྲངས་ཀྱང་ནམ་ཡང་མེད། །དེ་ནི་འཇིག་རྟེན་འདི་ན་ལ་ལ་ དག་རྒྱུ་ལ་ཐོགས་པ་མེད་པར་འདོད་ཕྱིར་རོ། །གང་ལ་ཕུང་པོ་མེད་ཅིང་ཁམས་མེད་དེ། །སྐྱེ་མཆེད་དག་དང་སྐྱེ་ཞིང་འཆི་མེད་པ། །དེ་ཡི་གྲངས་ནི་འཇིག་རྟེན་འདི་བརྙེས་པས། །སྐྱེས་ བུ་སེངྒེ་རྣམས་སུ་རབ་ཏུ་བརྗོད། །ནང་དང་ཕྱི་ཞེས་བྱ་བར་གདགས་པ་རྣམས། །དེ་དག་རང་བཞིན་དངོས་ཉིད་སོང་བ་སྟེ། །རྟོག་པ་མེད་ཅིད་[*CING?]རྣམ་རྟོག་དེ་བཞིན་མེད། །གཞལ་དུ་མེད་ པའི་ཆོས་ཉིད་འདི་འདྲའོ། །དེ་དག་ལ་ནི་གཡོ་པ་ནམ་ཡང་མེད་།སྙེམས་ཤིང་ལྡེག་དང་སྒྲིབ་པ་གང་ཡང་མེད། །འཇིག་རྟེན་ཐམས་ཅད་རྗེས་སུ་རབ་ཏུ་མཁྱེན། །མཐའ་ཡས་འདུལ་ བའི་ཚུལ་ནི་འདི་འདྲའོ། །ཞི་བའི་ཏིང་འཛིན་སྤྱོད་ཡུལ་དགྱེས་པ་རྣམས། །རྩེ་གཅིག་གཉིས་ལ་སྤྱོད་པའང་མ་ཡིན་ཏེ། །ཡིད་ཀྱིས་གསོག་པའང་དེ་ལ་གང་ཡང་མེད། །འདིར་ནི་ སངས་རྒྱས་རྣམ་འཕྲུལ་མཐའ་ཡས་པའོ། །རྒྱུ་དང་རྐྱེན་དང་བྱ་བ་རྣམས་དག་དང། །ལས་ཀྱི་རྣམ་སྨིན་སེམས་ཅན་སྤྱོད་པ་ཡིས་།རྒྱལ་བ་རྣམས་ཀྱི་ཡེ་ཤེས་མི་ལྡོག་སྟེ། །བདེ་ གཤེགས་ཆོས་ནི་དེ་ལྟར་བསམ་མི་ཁྱབ། །ཕྱོགས་རྣམས་བཅུ་ན་ཇི་ལྟར་འཁོད་པ་ཡི། །འཇིག་རྟེན་རྣམ་པ་སྣ་ཚོགས་ཀུན་གཟིགས་ཤིང་།སེམས་ཅན་ཚད་མེད་ཡོངས་སུ་འབྲེལ་ [287A]༄༅། །མཛད་ཀྱང། །སྐྱེས་བུའི་དབང་པོ་དེ་དག་རྟོག་མི་མངའ་།ཐམས་ཅད་མཁྱེན་པ་ཉིད་ནི་གསེར་གྱི་མཆོག། དེ་ཡང་ཀུན་ན་རྣམ་པར་ཀུན་ན་གནས། །དེ་ དག་བསམ་པ་ཅི་འདྲ་ཇི་བཞིན་དུ། །ཐུབ་པ་རྣམས་ནི་དེ་ལྟར་ཆོས་ཀྱང་སྟོན། །བམ་པོ་བཅུ་བདུན་པ། དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ་ ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་སྣང་བར་བྱས་སོ། །གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་སྣང་བར་བྱས་སོ། ། འཇིག་རྟེན་གྱི་ཁམས་རེ་རེར་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་ རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ་།ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་ཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེ་དག་གི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ནའང་དེ་བཞིན་གཤེགས་པ་ བྱེ་བ་ཕྲག་བརྒྱ་བཞུགས་པར་སྣང་སྟེ། ཐམས་ཅད་དུའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་ [287B]སྟེ། འདི་ལྟར་འཇམ་དཔལ་ནས་བཟང་པོའི་དཔལ་ཞེས་བྱ་བའི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ནས་འདྲ་བའི་མདོག་གི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ནས་རིག་བྱེད་སྣ་ཚོགས་ཞེས་བྱ་བ་དག་ གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་ དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་ དེ༑ དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །ལྷ་དང་འཇིག་རྟེན་བཅས་པ་ཟིལ་མནན་ཏེ། །སྙིང་རྗེ་ལ་ནི་གང་ཞིག་སེམས་གཏོང་ཞིང། །འགྲོ་བ་ཐམས་ ཅད་བསྐྱབ་པར་ཞུགས་པ་རྣམས། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང། །བདེ་གཤེགས་རྣམས་ལ་སྙིང་ནས་དད་བསྐྱེད་ཅིང། །གང་གི་སེམས་ནི་ནམ་ཡང་མི་ལྡོག་པར། ། [288A]༄༅། །སངས་རྒྱས་སྤྱོད་པ་ཡོངས་སུ་མི་གཏོང་བ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང། །གང་རྣམས་གང་དུའང་འཇུག་པ་ཡོད་མེད་ཅིང། །སངས་རྒྱས་ ཡོན་ཏན་རྣམས་ལས་མི་ལྡོག་པ། །ཤིན་ཏུ་བརྟན་པ་བློ་གདུང་མེད་པ་རྣམས། །དེ་དག་ལས་ནི་འདི་འདྲར་འགྱུར་པར་འོང། །གང་རྣམས་འགྲོ་ཞིང་འདུག་དང་འཆག་པའི་ཚེ། ། ཉིན་མཚན་རྒྱན་དུ་རྗེས་སུ་སེམས་བྱེད་ཅིང། །སངས་རྒྱས་བདག་ཉིད་ཆེ་བ་སེམས་སྤེལ་བ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང། །དུས་གསུམ་ཐམས་ཅད་རབ་ཏུ་གཞལ་ བྱས་ཀྱང། །གང་གི་སེམས་ནི་ཞུམ་པར་མི་འགྱུར་ཞིང། །སངས་རྒྱས་ཡོན་ཏན་རྗེས་སུ་སློབ་མོས་པ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང། །བདག་གི་རང་བཞིན་ ཡོངས་སུ་གཞལ་བྱས་ཤིང། །ཐམས་ཅད་མ་ལུས་ཞི་བར་བྱེད་པ་དང། །བདག་དང་བདག་མེད་འདོད་ཆགས་བྲལ་བའི་སེམས། །དེ་དག་ལས་ནི་འདི་འདྲར་འགྱུར་བར་ འོང། །གཞན་གྱིས་བསམ་པ་ཡོངས་སུ་གཞལ་བྱས་ཤིང། །རྟོག་དང་རྣམ་རྟོག་ཐམས་ཅད་རབ་སྤངས་ཏེ། །སྤྱོད་པ་འདི་འདྲ་དག་དང་ལྡན་གྱུར་པ། །དེ་དག་ལས་ནི་ འདི་འདྲར་འགྱུར་བར་འོང། །གང་རྣམས་བསམ་གྱིས་མི་ཁྱབ་ཞིང་འཇལ་ཞིང། །སེམས་ཅན་རྒྱ་མཚོ་ཡིད་ཀྱིས་འཐུང་བྱེད་དེ། །བློ་ཆེན་རྫུ་འཕྲུལ་སྟོབས་དང་ལྡན་གྱུར་ [288B] ༑དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང། །གང་གིས་ཞིང་རྣམས་རྣམ་པར་བསམ་པ་ན། །གཟུགས་དང་གཟུགས་མེད་འདུ་ཤེས་ཡོངས་མེད་པ། །ཐམས་ཅད་གྲངས་སུ་ཉེ་བར་ འགྲོ་བ་ནི། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང། །གང་རྣམས་ཞིང་ནི་རྡུལ་ཏུ་གཞིག་བྱས་ཤིང། །ཐམས་ཅད་ཕྱོགས་སུ་བཀང་ཞིང་བགྲང་བྱས་ཏེ། །དེ་དག་ནང་དུ་རྒྱལ་ བ་འཛུད་བྱེད་པ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་འདས་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ བརྒྱ་སྣང་བར་བྱས་པ་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏེ། འཇིག་ རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ ཤིང། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་ཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་ བརྒྱ་དག་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་སྟེ། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ [289A]༄༅། །ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ་།བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་ དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ་ འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་ བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཞེས་བྱ་བའི་བར་དག་གོ། བྱང་ཆུབ་སེམས་ དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ་ གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །མི་འདུལ་ཁ་ལོ་སྒྱུར་བ་མཐུ་ཆེན་ལ། །གང་དག་ཁ་དོག་རིགས་ཀྱིས་ [289B] །མིག་ཉམས་ལོག་པར་ལྟ་བར་གྱུར་པ་སྟེ། །དེ་དག་རྒྱལ་བའི་ཆོས་ཉིད་མི་ཤེས་སོ། །དེ་བཞིན་གཤེགས་པའི་ཁ་དོག་དབྱིབས་དག་ནི། །འཇིག་རྟེན་ཀུན་ནའང་ཤེས་ པར་ནུས་པ་མེད། །གང་གིས་བསྐལ་པ་བྱེ་བར་བསམ་བྱས་ཀྱང། །མཐུ་ཆེན་རྣམས་ཀྱི་ཁ་དོག་མཐའ་མེད་དོ། །དེ་བཞིན་གཤེགས་པ་མཚན་ཉིད་མི་མངའ་སྟེ། །ཆོས་རྣམས་ ཐམས་ཅད་མཚན་ཉིད་མེད་ཅིང་དབེན། །ཡན་ལག་ཀུན་ལྡན་བལྟ་ན་ཉམས་མེད་པ། །བསམ་པ་ཇི་བཞིན་ཀུན་ན་རབ་ཏུ་སྣང། །སངས་རྒྱས་ཆོས་རྣམས་གཞལ་དུ་ཡོད་པ་མིན། །གང་ རྣམས་ཅི་ཡང་འདི་ཡི་ཚུལ་བཤད་དེ། །ལྡན་པ་མ་ཡིན་མི་ལྡན་མ་ཡིན་པས། །སངས་རྒྱས་ཆོས་རྣམས་རང་བཞིན་རབ་ཏུ་དབེན། །དེ་བཞིན་གཤེགས་པ་ཕུང་པོ་འཇིག་པ་མེད། ། འབྱུང་དང་འཇིག་པར་སྤྲོ་བ་མི་མཛད་དེ། །མངའ་བརྙེས་མངའ་སྒྱུར་རྣམ་པར་གདོན་མི་ཟ། །བརྗོད་དུ་མེད་པ་རྟེན་པ་རྣམ་པར་སྤྱོད། །ལུས་དང་སེམས་ཀྱང་མཉམ་པར་རབ་གྱུར་ཅིང།། ནང་དང་ཕྱི་ཡིས་རྣམ་པར་དབེན་པས་ན། །གཉིས་པོ་བགྲང་དུ་མི་རུང་ཤེས་པ་རྣམས། །ཆགས་མེད་བཅིངས་མེད་བདེ་བར་གཤེགས་པར་འགྱུར། །གྱ་ནོམ་སྣང་ཞིང་ཐུགས་ གསལ་འོད་མཛད་པ། །སྤྱོད་ཡུལ་ཡོངས་དག་ཀུན་ཏུ་སྣང་གྱུར་ཏེ་།ཐམས་ཅད་མཁྱེན་པ་ཀུན་གཟིགས་ཀུན་ན་བཞུགས། །སྐྱེ་རྒུའི་དོན་ཀྱང་རྒྱ་ཆེན་ཡངས་པ་མཛད། ། [290A]༄༅། །གཅིག་ཏུ་གྱུར་ཅིང་མང་པོར་རབ་ཏུ་འགྱུར། །མང་པོར་གྱུར་ཅིང་གཅིག་ཏུ་དེ་བཞིན་འགྱུར། །འགྲོ་བའི་ཁམས་ནི་དུ་མར་ཐུགས་ཆུད་ཅིང། །ཐམས་ཅད་ ཚུལ་དང་འདྲ་བར་རབ་ཏུ་འགྱུར། །སྐུ་མེད་དེ་ལ་ཆགས་པ་གང་ཡང་མེད། །བྱོན་པ་མེད་ཅིང་བསགས་པ་ཡོད་མིན་ཡང། །ཁ་དོག་མཐའ་ཡས་རྣམ་པར་དགོད་བྱས་ ཤིང། །འགྲོ་བ་སྣ་ཚོགས་ལུས་སུ་དེ་དག་སྣང། །འཇིག་རྟེན་ཐམས་ཅད་སེམས་ཀྱིས་བརྟགས་པ་ཡིན། །སེམས་ནི་རྟོགས་པ་ནམ་ཡང་མ་ཡིན་ཏེ། །བདེ་གཤེགས་ ཡེ་ཤེས་དེ་འདྲའི་རང་བཞིན་ནོ། །དེ་ཕྱིར་རྒྱལ་བའི་སྐུ་ནི་འདི་འདྲར་སྣང། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ་ཤར་ཕྱོགས་ལོགས་ སུ་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་བཅུ་སྣང་བར་བྱས་ནས་གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་བཅུའི་བར་དུ་སྣང་བར་ བྱས་ཏེ༑ འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་ གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་ [290B]ཏུ་ཕྲ་བ་སྙེད་དང་ཐབས་ཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དག་ན་ ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་སྟེ། ཐམས་ཅད་དུའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་ པོའི་དཔལ་གྱི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་ མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་ རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཞེས་བྱ་བའི་བར་དག་གོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ [291A]༄༅། །ཅད་ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་ བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །འཇིག་རྟེན་རང་བྱུང་དེ་ལས་མཆོག་མེད་པ། །མི་གནས་དམ་པ་ཕུལ་དང་མཆོག་གི་ རྣམས༑ ༑དྲང་སྲོང་ཆེན་པོ་སྲིད་པའི་རྒྱུད་འགྲེལ་པ། །ཡོན་ཏན་ཀུན་ལྡན་རྣམ་དག་འདི་ཡིན་ནོ། །འདུ་འཛི་མེད་ཅིང་ཆགས་པ་མི་མངའ་ལ། །འདུ་ཤེས་དངོས་མེད་གནས་པ་ མེད་པ་རྣམས། །ཕུན་སུམ་དགེ་ལྡན་སྨད་པ་མི་མངའ་བ། །མགོན་པོ་རྣམས་ཀྱི་ཆོས་ཉིད་ཐུབ་པར་དཀའ། །ཤིན་ཏུ་འོད་སྣང་དག་པར་གྱུར་པ་རྣམས། །བརྒལ་དུ་གླགས་ མེད་རྙོག་པ་མེད་པའི་རྣམས། །གཡོ་མེད་མཐའ་མ་རྣམ་པར་སྤངས་པ་ཡི། །བདེ་གཤེགས་རྣམས་ཀྱི་ཡེ་ཤེས་ཚུལ་འདི་ཡིན། །ལུས་དང་སེམས་ལ་རྣམ་པར་རྟོག་མེད་ ཅིང། །བདེ་གཤེགས་ཆོས་ལ་གང་ཞིག་འཇུག་འགྱུར་བ། །དེ་དག་ཆོས་རྣམས་ཀུན་གྱི་རང་བཞིན་ལ། །ནམ་ཡང་ནེམ་ནུར་དབང་དུ་མི་འགྲོའོ། །འཇིག་རྟེན་དག་ན་ དམིགས་པ་གང་ཡོད་པ། །དེ་དག་ཀུན་ལ་བསྟན་པའི་ཆོས་འཇུག་སྟེ་།གང་དག་ཕྱིར་རྒོལ་མེད་པས་བསྟན་མཛད་ཀྱང། །རང་བཞིན་ལྡོག་པར་འགྱུར་བ་གང་ཡང་ [291B] ༑དངོས་པོ་རབ་ཤེས་ལས་རྣམས་ཡོད་མིན་པར། །ཐེ་ཚོམ་ཐམས་ཅད་རྣམ་པར་སྤངས་བྱས་ཏེ། །སངས་རྒྱས་བྱང་ཆུབ་རབ་ཏུ་རྟོགས་པའི་ཚེ། །སེམས་ལ་རྣམ་པར་འབྱེད་པ་ ནམ་ཡང་མེད། །མི་ཤེས་ཆོས་རྣམས་རྣམ་པར་ཕྱེ་བ་དག། བྱུང་མེད་ཚིག་གི་ལམ་གྱིས་རབ་བརྗོད་པ། །སངས་རྒྱས་གསུང་གི་རྗེས་སུ་འབྲངས་བྱས་ན། །གཅིག་ཀྱང་མ་ཡིན་མང་ པོའང་མ་ཡིན་ནོ། །མང་དང་གཅིག་པ་ནམ་ཡང་ཡོད་མིན་ཏེ། །མང་པོ་རྣམས་ལ་གཅིག་པ་ཡོད་མེད་དོ། །མང་དང་གཅིག་པ་རྣམ་པར་བསྒོམས་བྱས་ན། །སངས་རྒྱས་ཡོན་ ཏན་མཐའ་ཡས་ཤེས་པར་འགྱུར། །འཇིག་རྟེན་ཀུན་ཏུ་སེམས་ཅན་ཞིང་རྣམས་དང། །ཤིན་ཏུ་ཞི་བའི་ཆོས་རྣམས་རྣམ་བལྟས་ཏེ། །མི་གནས་སེམས་ལ་རྟོག་པ་མེད་པ་ཡི། ། དྲན་ལྡན་སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །སེམས་ཅན་ཆོས་དང་དེ་བཞིན་ཞིང་གི་རྣམས། །དེ་དག་རང་བཞིན་ཇི་བཞིན་བརྟགས་བྱས་ན། །གཅིག་དང་ཐ་དད་གྱུར་པ་ མ་ཡིན་ཏེ། །དེ་ལྟར་སངས་རྒྱས་ཚུལ་འདི་ཤེས་པ་ཡིན། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ བྱེ་བ་སྣང་བར་བྱས་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བའི་བར་དུ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་ [292A]༄༅། །པ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ་།འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ དང་ཐབས་ཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ ལ་བཞུགས་པར་སྣང་ངོ། །ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་ དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ་།བྱང་ཆུབ་སེམས་དཔའ་དེ་དག་ཐམས་ ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ་བྱང་ ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་ [292B]བར་དག་གོ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་ སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ་།ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་ དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་བདེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ ཏོ༑ ༑ཤེས་རབ་དཔག་མེད་ཆོས་རྣམས་མཐའ་ཡས་པ། །སྲིད་པ་རྒྱ་མཚོའི་ཕ་རོལ་ཕྱིན་པ་དག་ཚེ་རིང་ནད་མེད་མཉམ་མེད་མཚུངས་མེད་འོད། །ཡོན་ཏན་ཆེ་མངའ་འདི་དག་ སྦྱོར་འདིའོ། །གང་གིས་སངས་རྒྱས་ཆོས་རྣམས་དངོས་རྟོགས་ཤིང་།དུས་གསུམ་ཀུན་ཏུ་བརྟགས་ཀྱང་མི་ངོམས་ཏེ། །དམིགས་པ་ཤེས་བྱེད་རྣམ་པར་མི་རྟོག་པ། །བསམ་ཡས་ མོས་པ་དེ་དག་སྦྱོར་འདིའོ། །སེམས་ཅན་ཡུལ་མོས་སེམས་ཅན་འདུ་ཤེས་མེད། །འཇིག་ཚོགས་ཆོས་ཤེས་ལམ་གྱི་རྒྱུད་དང་བྲལ། །བསམ་གཏན་ནང་དད་སེམས་ལ་བཅིངས་ པ་མེད༑ ༑ཆགས་མེད་ཡིད་ལྡན་དེ་དག་སྦྱོར་འདི་ཡིན། །རྟོགས་མཁས་རབ་ཏུ་རྟོགས་པའི་ཆོས་ཅན་རྣམས། །མྱ་ངན་འདས་སྤྱོད་རིགས་ལ་བརྩོན་པ་དག་ཐར་པའི་ལམ་ [293A]༄༅། །བརྩོན་མཉམ་པ་ཉིད་ལྡན་པ། །ཞི་བ་ཐོབ་པ་དེ་དག་སྦྱོར་འདིའོ། །དེད་དཔོན་རྗེས་སོང་སངས་རྒྱས་བྱང་ཆུབ་མཆོག་།ཐམས་ཅད་མཁྱེན་པ་ཆོས་ དབྱིངས་བཞིན་རྟོགས་ཤིང། །བདེན་འཇུག་མཁས་པས་སེམས་ཅན་རྣམ་འདུལ་བ། །བདེ་གཤེགས་བསམ་གཏན་དེ་དག་སྦྱོར་འདི་འོ། །སངས་རྒྱས་དོན་ཚིག་རྗེས་སུ་ ཤེས་བྱ་ཞིང། །ཆགས་མེད་བློ་ཡངས་རྟོགས་ཤིང་བསམ་གཏན་བྱེད་།ཀུན་ཏུ་འགྲོ་བར་སོང་བས་རྩོལ་སྤྱོད་པ། །རང་བྱུང་སྤྱོད་པ་དེ་དག་སྦྱོར་འདི་འོ། །ནམ་མཁའི་ དབྱིངས་དང་སྤྲུལ་པ་ཡིད་ལྡན་རྣམས། །གནས་དང་རང་བཞིན་མཚན་ཉིད་ཤེས་པ་དག་མྱ་ངན་འདས་རིགས་སྤྱོད་པ་མཁའ་འདྲ་རྣམས་།ཐོབ་དཀའ་ཐོབ་པ་རྣམས་ཀྱི་ སྦྱོར་འདི་འོ། །ཟླ་བ་ཟླ་ཕྱེད་ཉིན་དང་ནུབ་བགྲང་ཞིང། །ལོ་དང་བསྐལ་པའི་རང་བཞིན་སུ་སེམས་པ། །འཇིག་རྟེན་འདུ་ཞིང་འཇིག་པར་འགྱུར་བ་དང། །གྲངས་ཚུལ་སུས་རྟོགས་ དེ་དག་སྦྱོར་འདི་འོ། །ཞིང་གི་སེམས་ཅན་ཇི་སྙེད་སྐྱེ་འཆི་བ་།གཟུགས་དང་གཟུགས་མེད་འདུ་ཤེས་འདུ་ཤེས་མེད། །དེ་དག་མིང་དང་གནས་པ་རྟོགས་ཤེས་པ། །བསམ་ གྱིས་མི་ཁྱབ་རྟོགས་པའི་སྦྱོར་འདི་འོ། །འདས་པའི་དུས་དང་མ་འོངས་ད་ལྟར་ལ། །ངག་གི་ལམ་གྱིས་གང་ན་རྟོག་བྱེད་ཅིང། །དུས་གསུམ་རང་བཞིན་ཇི་ལྟར་རྟོགས་གྱུར་ [293B] ༑མཉམ་མེད་དེ་དག་སྦྱོར་བ་འདི་ཡིན་ནོ། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བཅུ་སྣང་ བར་བྱས་ནས་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བཅུའི་བར་དུ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས་ འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་ བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་ཅིག་པར་སྣང་བ་དེ་བཞིན་དུ་ འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དག་ཀུན་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ། །ཐམས་ ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་ བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་ [294A]༄༅། །བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ ཚོགས་ཞེས་བྱ་བའི་བར་དག་གོ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་ འདི་ཉིད་བརྗོད་དོ། །གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །འདས་དུས་གང་གིས་སྒྲུབ་ དཀའི་བརྟུལ་ཞུགས་ཆེ་བརྩམས་ཤིང། །ནམ་ཡང་ཞུམ་པའི་སེམས་སུ་གཏོང་བར་མི་བྱེད་དེ། །བརྒལ་དཀའ་རྒལ་ཏེ་བདག་གིས་སེམས་ཅན་ཀུན་འདུལ་ཞེས། །སེངྒེའི་སྒྲ་ སྒྲོག་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །གང་ཞིག་འདོད་དང་སྲེད་པ་འབྱུང་ཞིང་འཇུག་པ་དང། །མ་རིག་གཞོལ་བ་གཏི་མུག་མང་བསྒྲིབས་འཇིགས་ཆེན་རྣམས། །སེམས་ [294B]བདག་ཀྱང་འཇིག་རྟེན་མགོན་འགྱུར་ཞེས་པ་དེ་ཡུལ་འདི། །འཇིག་རྟེན་སེམས་ཅན་མང་པོ་འདོད་དྲེགས་འདམ་བྱིང་བ། ། མེད་པའི་ཆོས་ལ་རྟོག་པས་སྡུག་བསྔལ་མཐོང་གྱུར་ནས། །སངས་རྒྱས་སྤྱོད་ཡུལ་ཆོས་ལ་བག་ཡོད་གང་སྤྱོད་ཅིང། །བདག་གིས་སེམས་ཅན་ཀུན་བསྒྲལ་དེ་དག་སྤྱོད་ཡུལ་ འདི༑ ༑མངོན་མཐའ་ཤེས་དཀའ་ཚད་མེད་བརྟན་པས་མཐོང་གྱུར་ཅིང་།བདག་རྟེན་སེམས་ཅན་ཕ་རོལ་མཐའ་ཡས་འཁོར་གྱུར་པ། །དེ་དག་རྒྱལ་བས་ཐེག་པ་ཞི་བ་མཆོག་ ལ་བཀོད། །བདག་གིས་དེ་འདྲའི་ཆོས་བསྟན་དེ་ཡི་སྤྱོད་ཡུལ་ལོ། །སེམས་ཅན་ཁམས་རྣམས་མགོན་མེད་ནད་ཀྱིས་གཟིར་གྱུར་ཅིང། །ངན་སོང་གཞོལ་པ་འདོད་ཆགས་ཞེ་ སྡང་གཏི་མུག་གདུངས། །མེ་ལྕེ་འབར་ཕུང་འཇིགས་གཟུགས་མི་བཟད་བསྲེགས་གྱུར་པ། །མཐོང་ནས་དགྲོལ་ཕྱིར་ཞུགས་པ་དེ་དག་སྤྱོད་ཡུལ་འདི་འོ། །ལམ་གོལ་ལམ་མ་ ཡིན་པའི་རྐྱེན་ལ་སྤྱོད་གྱུར་ཅིང། །མུན་པ་ཆེན་པོ་རྟོལ་བར་དཀའ་རྙེད་འགྲོ་མཐོང་ནས། །སྣང་བ་ཆེན་པོ་བསྐྱེད་དེ་སངས་རྒྱས་ཆོས་བསྟན་ཅེས། །འདི་སྐད་ཚིག་བརྗོད་དེ་དག་ སྤྱོད་ཡུལ་འདི་ཡིན་ནོ། །སྲིད་པའི་མཚོས་གཡེངས་སེམས་ཅན་རབ་ཏུ་མང་བ་དག་མཐའ་མ་མི་མཐོང་སྐྱབས་མེད་དོ་ཞེས་མི་དགའ་བ་།མཐོང་ནས་བརྩོན་འགྲུས་སྟོབས་ [295A]༄༅། །བསྐྱེད་ཆོས་ཀྱི་གྲུ་སྦྱར་ཅིང། །ཕ་རོལ་སུ་འགྲོ་ཞེས་བརྗོད་དེ་དག་སྤྱོད་ཡུལ་འདི་འོ། །སེམས་ཅན་རྩ་བ་མེད་ལ་གནས་པ་མི་མཁས་ཀུན། །གཡང་ས་ཆེན་ པོར་ལྷུང་ཞིང་སེམས་ཉམས་རྨོངས་མཐོང་ནས། །སྙིང་རྗེས་ཆོས་ཀྱི་ཟམ་ལ་མཁས་པ་སུ་དགོད་ཅིང། །དྲན་པར་གྱིས་ཤེས་སུ་སྨྲ་དེ་དག་སྤྱོད་ཡུལ་འདི་འོ། །ཤིན་ཏུ་དོག་པའི་ བརྩོན་རར་སྡུག་བསྔལ་སེམས་ཅན་རྣམས། །ན་དང་རྒ་བས་གཟིར་ཅིང་ཚམ་གྱིས་མནར་བ་དག་མཐོང་ནས་བདག་གིས་ཐབས་ཀྱི་ཆོས་རྣམས་ཀུན་བརྩམས་ཏེ། །སེམས་ ཅན་ཀུན་འགྲོལ་སེམས་དཔའ་དེ་དག་སྤྱོད་ཡུལ་འདི་འོ། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཐོས་གྱུར་ཐེ་ཚོམ་མ་མེད། །ཆོས་དབྱིངས་སྤྱོད་ཡུལ་ཕྱོགས་བཅུ་ཀུན་ཏུ་རྒྱས་ བཀང་སྟེ། །འདི་དག་ཐམས་ཅད་བརྟགས་ན་གསོག་ཀྱང་མི་གཟིགས་ཤིང། །སེམས་ཅན་ཀུན་ལ་སྙོམས་བྱེད་དེ་ཡི་སྤྱོད་ཡུལ་ལོ། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་ གྱི་ཁམས་དེ་དག་ནས་འདས་ཏེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་སྣང་བར་བྱས་སོ། ། །འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་སྣང་བར་བྱས་སོ་།འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྣང་ [295B] །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་ ཚད་མེད་པ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྣང་བར་བྱ་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ ཁམས་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ། མུ་མེད་པ། ས་མཚམས་མེད་པ། དཔག་ཏུ་མེད་པ། བརྗོད་དུ་མེད་པ་དག་ཀྱང་སྣང་བར་བྱས་སོ། །འཇིག་ རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ཀྱང་སྣང་བར་བྱ་སོ། །གཞུང་དེ་བཞིན་དུ་ལྷོ་ཕྱོགས་དང། དེ་བཞིན་དུ་ནུབ་ཕྱོགས་དང་ དེ་བཞིན་དུ་བྱང་ཕྱོགས་དང། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་དང། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང། དེ་ བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང། དེ་བཞིན་དུ་འོག་གི་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་བྱེ་བ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ སྟོང་སྣང་བར་བྱས་ནས་ནམ་མཁའི་མཐས་གཏུགས་པའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་སོ། །དེ་ལྟར་ཕྱོགས་བཅུ་ཤིན་ཏུ་རྒྱས་པར་བྱས་ནས་ཆོས་ [296A]༄༅། །ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས་གཞུང་དེ་བཞིན་ དུ་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་རིལ་གྱིས་བསྟན་ ཏོ༑ ༑ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་ཅིག་པར་ སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ ངོ། །ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོང་པར་གྱུར་ཏོ་།བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ་བྱང་ཆུབ་སེམས་དཔའ་དེ་ [296B]བ་དག་གི་ཞམ་རིང་ན་ཚངས་པའི་སྤྱོད་པ་སྤྱད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་ སྣ་ཚོགས་ཞེས་བྱ་བའི་བར་དག་གོ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་ འདི་ཉིད་བརྗོད་དོ། །གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །བསྐལ་པ་གཞལ་ཡས་ བསམ་གྱིས་མི་ཁྱབ་སེམས་ཀྱི་སྐད་ཅིག་ལ། །གང་གིས་མཐོང་ཡང་བསགས་མེད་འགྲོ་དང་དངོས་པོའི་ཚུལ་མེད་པའི། །ལམ་དུ་རབ་ཏུ་འཇུག་པ་དེ་ན་ཐམས་ཅད་ཤེས་འགྱུར་ ཏེ༑ ༑སྟོབས་བཅུས་ཚུལ་འདི་ཇི་ལྟར་མཁྱེན་བཞིན་འཇིགས་མེད་སངས་རྒྱས་འགྱུར། །གྲགས་པ་སྙན་པར་ཕྱོགས་རྣམས་ཀུན་ཏུ་མཚུངས་མེད་གྲགས་གྱུར་ཅིང། །བགེགས་ རྣམས་ཀུན་ལས་འདས་ཏེ་ཆོས་ཉིད་འདི་ལ་དགར་སྤྱད་དེ། །ཚད་མེད་ཐམས་ཅད་སོ་སོར་ཞི་ཞིང་དོན་རྣམས་ཀུན་རྟོགས་པས། །དེ་ཕྱིར་ཕྱོགས་རྣམས་ཀུན་བཀང་བདེ་གཤེགས་ [297A]༄༅། །ཆོས་ཉིད་འདི་སྟོན་ཏོ། །དགོངས་པ་ཇི་བཞིན་དེ་ནི་སྤྱོད་པའི་འབྲས་བུ་མཐུན་པ་སྟེ། །འཇིག་རྟེན་དོན་འགྱུར་དེ་བཞིན་གཤེགས་ལ་མཆོད་པ་ཡང་བྱས་ ཤིང། །དེ་དག་ཐམས་ཅད་སོ་སོར་མཐུན་པར་ཡེ་ཤེས་རྣམས་བསྒོམས་པས། །སེམས་ཅན་དམ་པ་སངས་རྒྱས་རྣམ་འཕྲུལ་འདི་འདྲ་ཕྱོགས་བཅུར་སྟོན། །ཐོག་མར་ཉན་འདོད་ བླ་མ་བསྙེན་བཀུར་བཟོད་པ་དེས་བྱས་ཤིང། །རང་བཞིན་མེད་པའི་ཆོས་ལ་རབ་རྟོག་བསམ་གཏན་བསྙེན་བྱེད་པ། །བདེ་གཤེགས་ཉིད་ནི་རྟོགས་འགྱུར་འགྲོ་བ་རྣམ་སྒོམ་ སེམས་ཚིམ་བྱེད། །ཆོས་ཉིད་དེ་འདྲ་སྤྱོད་པ་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར། །སྙིང་ནས་འདྲི་ཞིང་ཕྱོགས་རྣམས་རྒྱལ་བྱེད་རྩེ་གཅིག་ཐུབ་བྱེད་ཅིང། །རྒྱལ་བའི་ ཡོན་ཏན་མོས་ལས་མི་ལྡོག་སྤྱོད་པས་ཚིམ་བྱེད་པ། །དངོས་དང་དངོས་མེད་ཐམས་ཅད་ཤེས་བྱས་སྤངས་ཤིང་དངོས་ཟད་པའི། །སངས་རྒྱས་བདག་མེད་དཔེ་མེད་མཐོང་བ་ དེ་དག་ལུས་འདི་ཡིན། །བཟང་པོའི་སྤྱོད་ཡུལ་ཅན་གྱི་སེམས་ཀྱིས་ཕྱོགས་རྣམས་ཀུན་བཀང་ཞིང། །ཞིང་རྣམས་ཐམས་ཅད་ཆོས་ཀྱི་གཏེར་གྱིས་ཁྱབ་བྱས་ཚིམ་བྱེད་པ།། ཇི་བཞིན་ཆོས་གནས་ཆོས་ཉིད་མཐའ་ལ་ཐེ་ཚོམ་མེད་པ་རྣམས་།སྟོབས་བཅུ་ཅི་འདྲ་དེ་བཞིན་གྱུར་པའི་ལུས་ནི་འདི་དག་གོ་བཅོམ་ལྡན་འདས་ཀྱིས་ཆོས་གང་སྒྲ་བརྗོད་ [297B] །ཆོས་ཀྱི་འཁོར་ལོ་ཇི་བཞིན་བལྟ་དཀའ་གཞལ་ཡས་རྟག་བསྐོར་བ། །དེ་བཞིན་གཤེགས་པས་གསུངས་པའི་གསུང་ཀུན་བྱང་ཆུབ་ཡན་ལག་རྟོགས། །དེ་ལྟར་ འཇུག་པས་རྟག་ཏུ་སངས་རྒྱས་སྐུ་རབ་འདི་དག་མཐོང། །མཐོང་ཡང་མིག་གི་རྣམ་ཤེས་ཚུལ་དུ་རྡུལ་མེད་མཐོང་བ་མེད། །རྣམ་ཤེས་སྒྱུ་མ་བཞིན་པས་མིག་སྟོང་སྟོབས་བཅུ་མི་མཐོང་ ངོ། །འདུ་ཤེས་ཐམས་ཅད་རྣམ་རྟོག་ཡིན་གྱི་སངས་རྒྱས་མཐོང་བ་མིན། །ཤིན་ཏུ་ཆགས་མེད་ཡུལ་མེད་དེ་ནི་རྒྱལ་བ་མཐོང་བ་ཡིན་།སེམས་ཅན་ལས་མང་བསགས་པ་དེ་དག་ཤིན་ ཏུ་བལྟ་དཀའ་སྟེ། །ནང་དང་ཕྱི་དང་དབྱིབས་དང་མདོག་ཏུ་ཕྱོགས་བཅུ་ཀུན་ན་མེད། །དེ་བཞིན་རང་བྱུང་སྐུ་ནི་གཞལ་ཡས་ཕྱོགས་རྣམས་ཀུན་འགེངས་པ། །ཤེས་པར་དཀའ་བ་ འདྲེན་པ་ཆེན་པོ་བསྒྲིབས་པ་མེད་པས་བརྙེས། །ནམ་མཁའ་དག་ལ་ཞིང་རྣམས་བྱེ་བ་དངོས་པོར་གནས་པར་སྣང། །དེ་ནས་འོང་བ་མེད་ཅིང་ཕྱོགས་བཅུ་ཀུན་ཏུ་འགྲོ་བ་མེད། །གཅིག་ ཅིང་གནས་པར་འགྱུར་ཡང་དེ་དག་ཅི་ལའང་གནས་པ་མེད། །དེ་བཞིན་རང་བྱུང་རྣམས་ཀྱི་སྐུ་ནི་མཁའ་དབྱིངས་རྟག་ཏུ་འགེངས། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ ཕལ་པོ་ཆེ་ཞེས་བྱ་བ་ལས། དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པའི་ལེའུ་སྟེ། བཅུ་བཞི་པའོ།།